གདམ་ཚན། xxx
6 206 2021-07-26
ཡིག་ཚགས་ནང་དོན་མདོར་བསྡུས། ཀྲུང་གི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ཡི་ནང་དུ་བླངས་པའི་བོད་ཀྱི་གསོ་རིག་གི་གྲུབ་འབྲས་ལ་གདེང་འཇོག་དང་། ཏང་དང་རྒྱལ་ཁབ་ཀྱིས་ཡང་དག་པའི་འགོ་ཁྲིད་འོག་མ་འོངས་པར་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ལོན་པར་ཡིད་ཆེས་དང་གདེང་ཚོད་ཀྱི་བློ་སྤོབས་བཅས་བྲིས་ཡོད།
17 487 2021-07-27
ཡིག་ཚགས་ནང་དོན་མདོར་བསྡུས། འདི་རུ་ས་པཎ་མཁས་མཇུག་གི་ཚིག་རྒྱན་དང་སྙན་ངག་མེ་ལོང་མའི་ཚིག་རྒྱན་གཉིས་ཀྱི་བསྡུར་བ་ཕྲན་དཔྱད་ཅེས་པ་དེ་བཞུགས་སོ། །
38 368 2021-08-03
ཡིག་ཚགས་ནང་དོན་མདོར་བསྡུས། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་སྤྱི་ལོ་༡༧༢༨ལོར་མདོ་སྨད་སྣང་རའི་ཡུལ་སྐུ་འཁྲུངས་པ་དང་། དགུང་ལོ་དྲུག་པར་རབ་ཏུ་བྱུང་བ་དང་། དགུང་ལོ་བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞབས་སོར་འཁོད་ཅིང་། དེ་ནས་ཆོས་སྲིད་ལུགས་གཉིས་ཀྱི་ལས་དཀའ་ལས་གང་མང་བསྐྱོན་ནས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། ༡༧༩༡ལོར་སྐུ་གཤེགས།
18 186 2021-08-04
ཡིག་ཚགས་ནང་དོན་མདོར་བསྡུས། སའི་གོ་ལའི་གནས་གཤིས་འགྱུར་ལྡོག་དང་མིའི་འཚོ་བའི་གོམས་གཤིས་ཀྱི་འཕོ་འགྱུར་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་སྣ་ཚོགས་ཕྱིན་པ་དང་། དེ་དང་འབྲེལ་ནས་གནད་དོན་ཡང་རབ་དང་རིམ་པ་བྱུང་ལ། ལྷག་པར་དུ་འབྲོག་པའི་རིག་གནས་ལ་འཕོ་འགྱུར་སྣ་ཚོགས་བྱུང་།
31 1190 2021-08-04
ཡིག་ཚགས་ནང་དོན་མདོར་བསྡུས། རིག་འཛིན་དཔལ་ལྡན་བཀྲ་ཤིས་ནིི་དུས་རབས་བཅུ་བདུན་པར་མདོ་སྨད་རེབ་གོང་ཡུལ་དུ་སྐུ་འཁྲུངས་པ་དང་། སྔ་རྗེས་སུ་རོང་བོ་དགོན་པ་དང་དབུས་ཀྱི་འབྲས་སྤུངས་སོགས་སུ་བྱོན་ནས་སློབ་གཉེར་མཛད་པ་དང་། ༡༧༢༦ཕྱིར་མདོ་སྨད་དུ་བྱོན་ནས་མཛད་པ་རྒྱས་ཏེ་ཨ་ལགས་རྒྱལ་པོ་ཞེས་ཀུན་གྱི་དད་པ་བྱ་ཡུལ་དུ་གྱུར།
13 237 2021-08-04
ཡིག་ཚགས་ནང་དོན་མདོར་བསྡུས། འདི་ནི་ཧོར་རྡོ་བརྐོས་ཀྱི་བྱུང་འཕེལ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་དཔྱད་པ་ཞེས་པ་དེའོ༎
8 162 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་བོད་བཙན་པོའི་དུས་ཀྱི་རྡོ་རིང་དཔེ་མཚོན་ཅན་འགའ་གཞིར་བཟུང་ནས། རྡོ་རིང་དེ་དག་གང་དུ་བཞུགས་གནས་དང་། དགོས་པ། བཞེངས་ཚུལ། བསྟན་དོན་དང་དངོས་ཤུགས་ཀྱི་ལོ་རྒྱུས་མཚོན་དོན་རྣམས་ཕྱོགས་གཅིག་ཏུ་ཞིབ་མོར་དཔྱད་ཡོད།
2 59 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་སློབ་གཉེར་པ་བན་དེའི་སློབ་གཉེར་རྒྱབ་ལྗོངས་དང་མཚོན་བྱེད་མི་སྣ་སོགས་དང་འབྲེལ་ནས་སློབ་གཉེར་གྲྭ་སྐོར་དུ་སོང་བའི་ཚུལ་གླེང་ཡོད།
2 133 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་མཚོ་སྔོན་བོང་སྟག་ས་ཆའི་གེ་སར་སྒྲུབ་རབས་ཆེན་མོ་དང་འབྲེལ་བའི་དམངས་ཁྲོད་དུ་གནས་པའི་ངག་རྒྱུན་གནའ་ཤུལ་སྐོར་ཞིག་ལ་ཡུལ་དངོས་རྟོག་དཔྱོད་དུ་སོང་སྟེ་འཚོལ་སྡུད་དང་དག་སྒྲིག་བྱས་ཤིང་། འབྲེལ་ཡོད་ཀྱི་རྒྱུ་ཆ་དང་སྦྱར་ནས་གླེང་ཡོད།
4 150 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་དཔལ་དབྱི་ཤོད་རི་བོ་ཆེ་དགོན་དུ་ཉར་ཚགས་གནང་བའི་གླིང་གི་རྗེ་བློན་གྱི་དངོས་ཆས་དང་། དེ་བཞིན་རི་བོ་ཆེ་དགོན་ཉེ་འབྲེལ་གྱི་རི་དགོན་བཀྲ་ཤིས་ཆོས་གླིང་གི་གླིང་བྲོ་འཆམ་ཚུལ། སྦ་ཤི་རི་ཁྲོད་ཀྱི་འདན་སྲས་གར་འཆམ་སོགས་ངོ་སྤྲོད་བྱས་ཡོད།
17 678 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་རེབ་གོང་རོང་བོ་དགོན་ཆེན་ནི་སྔོན་ཆད་ས་སྐྱ་པ་དང་དེ་ནས་བཀའ་གདམས་པ་དང་། རྗེས་སུ་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་རིམ་བཞིན་དགེ་ལུགས་པའི་གྲུབ་མཐར་གྱུར་པའི་རྒྱུ་རྐྱེན་ལ་དཔྱད་ཡོད།
6 162 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་སྲོལ་ཚིག་གི་གོ་དོན་དང་རིགས་དབྱེ། དེ་དག་གི་རིག་གནས་ཀྱི་ནང་དོན་དང་རྒྱབ་ལྗོངས་གང་ཡིན་པ། གནད་འདི་དང་འབྲེལ་ནས་སྲོལ་ཚིག་བསྒྱུར་ཐབས་ཇི་ལྟར་ཡིན་པ་བརྗོད་ཡོད།
7 83 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་རྒྱལ་མོ་ཚ་བ་རོང་གི་མིང་ཐོགས་ལུགས་དང་། དེར་གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ། བེེ་རོ་ཙ་ནས་གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་རྫོགས་པ་ཆེན་པོ་དར་བར་མཛད་པ་དང་བཅས་བརྗོད་པ་བརྒྱུད་ནས་ཡུལ་དེར་བན་བོན་གྱི་མཁས་གྲུབ་མང་པོ་བྱུང་བ་སོགས་ལུང་དང་བཅས་ཏེ་བསྒྲུབས་ཡོད།
8 131 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། འདིར་བོད་སྔ་རབས་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་དངོས་པོ་བདག་གཞན་ལ་ངོས་འཛིན་ཚུལ་མི་འདྲ་བ་བྱུང་བའི་རྒྱུ་རྐྱེན་གཉིས་ལ་གཞིགས་ནས། གཤིབ་བསྡུར་རིག་པས་དངོས་པོ་བདག་གཞན་དང་། བྱ་བྱེད་ལས་གསུམ་གྱི་ཁྱད་པར་དེ་དོན་གྱིས་བོད་ཀྱི་བརྡ་སྐད་ལ་རང་ཆགས་སུ་ཡོད་པར་མཐའ་དཔྱད་ཡོད།
22 208 2021-03-09
ཡིག་ཚགས་ནང་དོན་མདོར་བསྡུས། དཔྱད་རྩོམ་འདིར་ཤེར་སྙིང་གི་གཞུང་ངོས་བཟུང་བའི་ཐོག་ནས་དེ་ལས་བསྟན་པའི་ཟབ་མོ་ཁྱད་པར་བཞི་ལྡན་གྱི་སྟོང་ཉིད་ཀྱི་དོན་དེ་ཉིད་གྲུབ་མཐའ་སྨྲ་བ་བཞིས་ཇི་ལྟར་འགྲེལ་ལུགས་རགས་ཙམ་བཤད་ཡོད།