ཡོངས་འཛིན་ཡིག་ཚང་བེད་སྤྱོད་གཏོང་ཚུལ།

གཅིག ཡོངས་འཛིན་ཡིག་ཚང་ནི་ག་འདྲ་ཞིག་ཡིན།

ཡོངས་འཛིན་ཡིག་ཚང་ནི་ཡོངས་འཛིན་གྱིས་དྲ་གྲོགས་རྣམས་ལ་དྲ་ལམ་ནས་ཡིག་ཚགས་མཉམ་སྤྱོད་བྱེད་རྒྱུའི་ཆེད་སྤེལ་བའི་སྡིངས་ཆ་ཞིག་ཡིན། ཡོངས་འཛིན་ཡིག་ཚང་གི་ཡིག་ཚགས་ནི་ཡོངས་འཛིན་བེད་སྤྱོད་གཏོང་མཁན་གྱིས་ཡར་སྤྲོད་བྱེད་དགོས་ལ། ཡོངས་འཛིན་དོ་དམ་པའི་ཞིབ་བཤེར་བརྒྱུད་རྗེས་ད་གཟོད་ཁྱབ་བསྒྲགས་བྱེད་ཐུབ་པ་དང་། ཡོངས་འཛིན་རང་ངོས་ནས་སྤྱོད་མཁན་གྱིས་ཡར་སྤྲོད་བྱས་པའི་ཡིག་ཚགས་ཀྱི་ནང་དོན་ལ་རྩོམ་སྒྲིག་དང་བཟོ་བཅོས་མི་བྱ། དྲ་གྲོགས་ཚོས་དྲ་ལམ་ནས་ཡིག་ཚགས་འདི་དག་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། ཡོངས་འཛིན་ཡིག་ཚང་གི་ཡིག་ཚགས་ནི་ལོ་རྒྱུས་དང་སློབ་གསོ། རིག་གནས། pptདང་དཔྱད་རྩོམ་སོགས་ཁྱབ་ཁོངས་མང་པོ་ཞིག་གི་དཔྱད་གཞིའི་ཡིག་རིགས་ཀྱིས་གྲུབ་ཡོད་ཅིང་། ཡོངས་འཛིན་སྤྱོད་མཁན་གྱིས་ཡིག་ཚགས་ཡར་སྤྲད་ན་ཆ་བསགས་ངེས་ཅན་ཞིག་ཐོབ་ཐུབ། རིན་གོང་གསལ་འགོད་བྱས་ཡོད་པའི་ཡིག་ཚགས་ཕབ་ལེན་བྱས་ན་ཆ་བསགས་འཛད་ཡོང་། མིག་སྔར་སྡིངས་ཆས་རྒྱུག་ཆེ་བའིdoc(.docx)、.ppt(.pptx)、.xls(.xlsx)、.pot、.pps、.vsd、.rtf、.wps、.et、.dps、.pdf、.txtལ་སོགས་པའི་ཡིག་ཆའི་ཚད་གཞི་ལ་རྒྱབ་སྐྱོར་ཡོད།


གཉིས། ཡིག་ཚགས་ཡར་སྤྲོད།

གོམ་པ་དང་པོ། ཐོ་ཞུགས།

ཡོངས་འཛིན་སྤྱོད་མཁན་གྱིས་ཐད་ཀར་ཡོངས་འཛིན་ཡིག་ཚང་ལ་ཐོ་ཞུགས་བྱས་ཆོག གལ་སྲིད་ཁྱེད་ལ་ད་དུང་ཡོངས་འཛིན་གྱི་IDམེད་ན། སྔོན་ལ་ཐོ་འགོད་བྱེད་རོགས།

ཡིད་གཟབ་གནང་རྒྱུ་ལ། བཀག་སྡོམ་བྱས་པའི་སྤྱོད་མཁན་ལ་ཡིག་ཚགས་ཡར་སྤྲོད་དང་ཕབ་ལེན་བྱེད་པའི་ཐོབ་ཐང་མེད།


གོམ་པ་གཉིས་པ། ངེད་ཀྱི་ཡིག་ཚགས་ཡར་སྤྲོདཅེས་པའི་མཐེབ་ནོན་རྡེབ་པ།

གཙོ་ངོས་དང་ཞིབ་ཕྲའི་ཡིག་ཚགས་ལ་སོགས་པའི་ཤོག་ལྷེ་རུ། ཚོས་གཞི་དམར་སྨུག་ཅན་གྱི་ངེད་ཀྱི་ཡིག་ཚགས་ཡར་སྤྲོདཅེས་པའི་མཐེབ་ནོན་དེ་བརྡབས་ནས་ཡིག་ཚགས་ཡར་སྤྲོད་ཀྱི་དྲ་ངོས་ལ་འཇུག་དགོས། ཡིག་ཚགས་ཡར་སྤྲོད་བྱེད་སྟངས་སྟབས་བདེ་ཞིང་མགྱོགས་པ་དང་། ཁག་གཉིས་སུ་གཙོར་འདུས་ཏེ། ཡིག་ཚགས་ཀྱི་ཟུར་བཀོད་ཡར་སྤྲོད་དང་། ཡིག་ཚགས་ཀྱི་ནང་དོན་གནད་བསྡུས་འབྲི་བའོ།།


གོམ་པ་གསུམ་པ། ཡིག་ཚགས་ཡར་སྤྲོད་དེ། ཡིག་ཚགས་ཀྱི་ཟུར་བཀོད་ཡར་སྤྲོད་བྱེད་པ།

ཀ ཡར་སྤྲོད་བྱེད་པའི་ཡིག་ཚགས་ཀྱི་ཤོག་ལྷེ་ཡི་མིག་བཤརཞེས་པའི་མཐེབ་ནོན་རྡེབ་སྟེ་ཡིག་ཚགས་ཡར་སྤྲོད་པ།

རང་ཉིད་ཀྱི་རྩིས་འཁོར་སྟེང་ནས་ཟུར་བཀོད་ཡར་སྤྲོད་བྱེད་རོགས།

ཟུར་བཀོད་ཡར་སྤྲོད་བྱས་ཚར་རྗེས་ཡར་སྤྲོད་འགོ་རྩོམཞེས་པའི་མཐེབ་ནོན་རྡེབ་ན་ཁྱེད་ཀྱིས་སྤྲད་པའི་ཟུར་བཀོད་རང་འགུལ་གྱིས་ཡར་སྤྲོད་བྱེད་ཡོང་།

ཁ ཡིད་གཟབ་གནང་རྒྱུ་ལ། 2015ལོའི་ཟླ་6པའི་བར་གྱི་དུས་བཅད་ནང་ཡིག་ཚགས་རྒྱབ་སྐྱོར་བྱེད་པའི་རིགས་ལ་གཏོགས་པ་ནི་.doc/.docx; .ppt/.pptx/; .xls/.xlsx;   .pdf; .txtབཅས་ཡིན།

ག སྤྱོད་མཁན་གྱི་ཡར་སྤྲོད་བྱེད་པའི་མགྱོགས་ཚད་ཁག་ཐེག་བྱེད་ཆེད། ང་ཚོས་ཡར་སྤྲོད་བྱེད་པའི་ཡིག་ཚགས་ཀྱི་ཆེ་ཆུང་200Mལས་ཆུང་བ་གཏན་འཁེལ་བྱས་ཡོད། གལ་སྲིད་ཁྱེད་ཀྱི་ཡིག་ཚགས་ཀྱི་ཆེ་ཆུང་200Mབརྒལ་བ་ཡིན་ན། ང་ཚོའི་བསམ་འཆར་ཡིན་ན་ཁྱེད་ཀྱིས་ཡིག་ཚགས་འབྱེད་ཕྲལ་བྱེད་རོགས། དཔེར་ན་wordཡིག་ཚགས་ཁྲོད་ཀྱི་ནང་དོན་ཞིག་འཕྲལ་ནས་སྟོད་སྨད་ཁག་གཉིས་ལ་བགོས་རྗེས་ཡར་སྤྲོད་བྱེད་པ།

གོམ་པ་བཞི་བ། ཡིག་ཚགས་ཡར་སྤྲོད་དེ་ཡིག་ཚགས་ཀྱི་ནང་དོན་གནད་བསྡུས་འབྲི་བ།

ཀ ཡིག་ཚགས་ཀྱི་ཁ་བྱང་ཁྱེད་ཀྱིས་ཡར་སྤྲོད་བྱེད་པའི་ཟུར་བཀོད་ཀྱི་མིང་ལ་ཤུགས་མཐུན་བྱེད་པ། ཁྱེད་ཀྱིས་བཟོ་བཅོས་བྱས་ཀྱང་ཆོག ཡིག་ཚགས་ཀྱི་ཁ་བྱང་སྟོང་པར་འཇོག་མི་རུང་། བོད་ཡིག་ཆེས་རིང་ན་ཚེག་བར་20གཏག་ནས་བཞག་ཆོག

ཁ སྤྱོད་མཁན་གཞན་གྱིས་ཁྱེད་ཀྱི་ཡིག་ཚགས་ཀྱི་ནང་དོན་གཙོ་བོ་ལ་མགྱོགས་པོར་རྒྱུས་ལོན་བྱེད་པར་སྟབས་བདེ་བཟོ་ཆེད། ཡིག་ཚགས་མདོར་བསྡུས་ཀྱི་སྒོ་ནས་ངོ་སྤྲོད་བྱེད་དགོས། ཡིག་ཚགས་ཀྱི་ངོ་སྤྲོད་སྟོང་པར་འཇོག་མི་རིགས། ཆེས་རིང་ན་བོད་ཡིག་ཚེག་བར་500གཏག་ཆོག

ག ཡིག་ཚགས་རེ་རེ་ཁོངས་གང་ལ་གཏོགས་པའི་ཡང་དག་པའི་རིགས་དབྱེ་ཡོད། ང་ཚོའི་བསམ་འཆར་ལ་ཁྱེད་ཀྱིས་རང་ཉིད་ཀྱི་ཡིག་ཚགས་ལ་འོས་འཚམ་གྱི་རིགས་དབྱེ་འདེམས་སྒྲུག་བྱེད་རྒྱུ། རིམ་པ་དང་པོ། གཉིས་པ། གསུམ་པའི་རིགས་དབྱེ། འདིས་ཁྱེད་ཀྱི་ཡིག་ཚགས་མིག་བཤར་དང་ཕབ་ལེན་དེ་བས་མང་པོ་བྱེད་པར་འཇུག་འོང་།

ང་། ཁྱེད་ཀྱིས་ཡར་སྤྲོད་བྱེད་དུས། ཁྱེད་ཀྱི་ཡིག་ཚགས་ཕབ་ལེན་བྱེད་དུས་ཕ་རོལ་པོས་ཆ་བསགས་ག་ཚོད་འདོན་དགོས་པ་འདེམས་སྒྲུག་བྱེད་པ་སྟེ། ཡིག་ཚགས་ཀྱི་རིན་གོང་འདེམས་སྒྲུག་བྱས་ཆོག

ང་ཚོའི་བསམ་འཆར་ཡིན་ན་ཁྱེད་ཀྱིས་བཙོང་རིན་རིན་མེད་དུ་བཟོས་ཏེ་ཡིག་ཚགས་མགྱོགས་པོར་མཉམ་སྤྱོད་བྱེད་པར་སྟབས་བདེ་བཟོས་ན་ལེགས། དེ་མཚུངས་སུ་མ་ལག་གི་ཆ་བསགས་བྱ་དགའ་ཡང་ཐོབ་ཐུབ།


གསུམ་པ། ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས།

སྤྱོད་མཁན་གྱིས་བེད་སྤྱོད་བྱེད་དུས་དེ་བས་མགྱོགས་པ་དང་ལེགས་པའི་སྒོ་ནས་རང་ཉིད་ཀྱིས་ལྟ་འདོད་པ་དང་ཀློག་སྤྲོ་བའི་ཡིག་ཚགས་རྙེད་པར་སྟབས་བདེ་བཟོ་ཆེད། ཡིག་ཚགས་ཆེད་བསྒྲིགསཀྱི་བྱེད་ནུས་ཁྲོད་དུ། རིམ་པ་གཉིས་པ་དང་རིམ་པ་གཉིས་པའི་ཡན་གྱི་སྤྱོད་མཁན་གྱིས་ཡིག་ཚགས་གཙོ་དོན་ག་གེ་མོ་ཞིག་ལ་གཞིགས་ནས་ཆེད་བསྒྲིགས་ཤིག་ཏུ་བསྡུ་རུབ་བྱས་ཆོག དེ་ལ་ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས་ཞེས་ཀྱང་བཤད་ཆོག ཁྱེད་ཀྱིས་ཡིག་ཚགས་ཆེད་བསྒྲིགས་ཤིག་བསྡུ་ཉར་བྱས་ཆོག་ལ། དེ་མིན་ཡིག་ཚགས་ཆེད་བསྒྲིགས་ལ་སྐར་མ་རྒྱག་དགོས། རྩོམ་གྲོགས་གཞན་རྣམས་ཀྱིས་ཀྱང་སྤྱོད་མཁན་གྱིས་གསར་འཛུགས་བྱས་པའི་ཡིག་ཚགས་ཆེད་བསྒྲིགས་བརྒྱུད་ནས་ཁེ་བཟང་རག་ཐུབ། དེ་དང་ཆབས་ཅིག་ཏུ་སྤྱོད་མཁན་གྱིས་ཡིག་ཚགས་ཆེད་བསྒྲིགས་བརྒྱུད་ནས་ཆ་བསགས་ཀྱི་བྱ་དགའ་ལེན་ཐུབ། བྱེ་བྲག་གི་ཆ་བསགས་བྱ་དགའ་བསྩལ་སྟངས་ཡོངས་འཛིན་ཡིག་ཚང་གི་རོགས་སྐྱོར་ཤོག་ལྷེ་རུ་གསལ།

 

ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས།

སྤྱོད་མཁན་ཡིག་ཚང་གཙོ་ངོས་ཀྱི་རིགས་དབྱེ་ག་གེ་མོ་ཞིག་ལ་ཞུགས་རྗེས་རིགས་དབྱེའི་འོག་ཏུ་ཡིག་ཚགས་དང་ཡིག་ཚགས་ཆེད་བསྒྲིགས་ཞེས་པའི་གདམ་ཚན་གཉིས་ཡོད། ཡིག་ཚགས་ཆེད་བསྒྲིགས་ཞེས་པའི་གདམ་ཚན་རྡེབ་རྗེས། གཡས་ཀྱི་སྟེང་ཟུར་ན་ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས་ཀྱི་མཐེབ་ནོན་ཞིག་ཡོད།

ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས་རྡེབ་རྗེས། ཡིག་ཚགས་ཆེད་བསྒྲིགས་ཀྱི་ཁ་བྱང་དང་ངོ་སྤྲོད། རིགས་དབྱེ་འབྲི་དགོས། དེ་རྗེས་ཁྱེད་ཀྱི་ཡིག་ཚགས་ཆེད་བསྒྲིགས་ལ་གནད་ཚིག་འགའ་འབྲི་དགོས། ངེས་པར་དུ་ཁ་སྐོང་དགོས་པ་མིན།

ཡིག་ཚགས་ཆེད་བསྒྲིགས་ཀྱི་ཁ་བྱང་རབ་ཡིན་ན་ཡིག་ཚགས་ཆེད་བསྒྲིགས་ཁྲོད་ཀྱི་ཡིག་ཚགས་ཀྱི་ནང་དོན་འདུས་ཐུབ་པ་ཞིག་ཡིན་དགོས། ཡིག་ཚགས་ཆེད་བསྒྲིགས་ཀྱི་ངོ་སྤྲོད་ནི་ཡིག་ཚགས་ཆེད་བསྒྲིགས་འདིར་ངོ་སྤྲོད་རང་བཞིན་གྱི་ཚིག་གྲུབ་ཅིག་ཡིན་ལ། དེས་སྤྱོད་མཁན་གཞན་གྱིས་ཡིག་ཚགས་ཆེད་བསྒྲིགས་འདིས་དོན་ཅི་ཞིག་སྟོན་པ་ཧ་གོ་བར་སྟབས་བདེ་བཟོ་ཆེད་ཡིན། ཡིག་ཚགས་ཆེད་བསྒྲིགས་ཀྱི་རིགས་དབྱེ་དང་ཡིག་ཚགས་ཀྱི་རིགས་དབྱེ་ནི་གཅིག་མཚུངས་ཡིན། ཁྱེད་ཀྱིས་ཡིག་ཚགས་ཆེད་བསྒྲིགས་དང་འཚམ་པའི་རིགས་དབྱེ་ཞིག་འདེམས་སྒྲུག་བྱས་ནས་ཚང་མས་དམིགས་ས་ཡོད་པའི་ཡིག་ཚགས་ཆེད་བསྒྲིགས་རྙེད་པར་སྟབས་བདེ་བཟོ་དགོས་ཨང་།

 

ཡིག་ཚགས་ཆེད་བསྒྲིགས་འདོན་སྤྲོད།

འདོན་སྤྲོད་ལེགས་པར་གྲུབ་རྗེས་ཡིག་ཚགས་ཆེད་བསྒྲིགས་ཀྱི་ནང་དུ་ཡིག་ཚགས་ཁ་སྣོན་བྱས་ཆོག ཁ་སྣོན་གྱི་གོ་རིམ་དང་གསར་འཛུགས་གོ་རིམ་གྱི་ཡིག་ཚགས་ཁ་སྣོན་བྱེད་སྟངས་གཅིག་ཡིན། སྤྱོད་མཁན་གྱིས་ཁྱེད་ཀྱི་ཡིག་ཚགས་ཆེད་བསྒྲིགས་ལ་སྐར་མ་བརྒྱབ་ཆོག གལ་སྲིད་ཁྱེད་ཀྱིས་གསར་འཛུགས་བྱས་པའི་ཡིག་ཚགས་ཆེད་བསྒྲིགས་ལ་བློ་མོས་ཆེན་པོ་ཡོད་ན་བསྡུ་ཉར་བྱས་ཀྱང་ཆོག ཡིག་ཚགས་ཆེད་བསྒྲིགས་བསྡུ་ཉར་བྱས་ན་གསར་འཛུགས་པར་ཆ་བསགས་ཀྱི་བྱ་དགའ་ཡོད། ཁྱེད་ལ་སྐར་མ་བརྒྱབ་པའི་སྤྱོད་མཁན་ལའང་ཆ་བསགས་ཀྱི་བྱ་དགའ་ཐོབ་ཐུབ། ཡིག་ཚགས་ཆེད་བསྒྲིགས་ཀྱི་ཞིབ་ཕྲའི་ཤོག་ལྷེ་རུ་ཡང་ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས་བྱས་ཆོག དེ་མིན་ད་དུང་འབྲེལ་ཡོད་ཀྱི་ཡིག་ཚགས་ཆེད་བསྒྲིགས་འོས་སྦྱོར་བྱས་པར་ལྟ་ཞིབ་བྱེད་ཐུབ།

རང་ཉིད་ཀྱི་མི་སྒེར་བསྟི་གནས་སུའང་ཡིག་ཚགས་ཆེད་བསྒྲིགས་གསར་འཛུགས་བྱས་ཆོག རང་ཉིད་ཀྱིས་གསར་འཛུགས་བྱས་པའི་ཡིག་ཚགས་ཆེད་བསྒྲིགས་ལའང་ལྟ་ཞིབ་བྱེད་ཐུབ།


བཞི། ཡིག་ཚང་སློབ་ཚན།

ཡིག་ཚང་སློབ་ཚན་ཤོག་ལྷེ།

ཡོངས་འཛིན་ཡིག་ཚང་གི་PPTཡི་སྡེ་རུ་སློབ་ཚན་གྱི་སྡེབཙུགས་ཡོད། སློབ་ཚན་ཅན་དང་མ་ལག་ཅན་གྱི་གསེད་བཀྲོལ་དང་མངོན་སྟངས་བརྒྱུད་ནས། ཡིག་ཚགས་ཀྱི་ཐོན་ཁུངས་ཉམས་ཞིབ་དེ་བས་བཟང་པའི་སྨྱན་མང་གི་ཕྱོགས་ལ་རྒྱ་བསྐྱེད་ཆོག

སློབ་ཚན་གྱི་སྡེཡིས་ཡིག་ཚང་གི་ཡིག་ཚགས་ཀྱི་ཐོན་ཁུངས་ལ་རྒྱ་བསྐྱེད་དང་བསྐྱར་སྒྲུབ་བྱེད་འོང་། དུས་འགོར་འབད་བརྩོན་གྱིས་ཆེད་ལས་སྡེ་ཁག་གི་སློབ་ཚན་སྤུས་ལེགས་ནང་འདྲེན་བྱེད་ཡོང་ལ། སྒོ་འབྱེད་མཉམ་སྤྱོད་ཀྱི་བྱེད་ཐབས་ཀྱིས་ཡིག་ཚང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པར་ཁེབས་པར་བྱེད་པ། དེ་བས་ལེགས་པའི་སྒོ་ནས་སྤྱོད་མཁན་གྱི་རང་ཉིད་ཡར་བསྐྱེད་ཕྱོགས་ཀྱི་རེ་འདོད་བསྐངས་ཏེ། ཡིག་ཚང་དེ་ཉིད་སློབ་གསོའི་ཁྱབ་ཁོངས་ཀྱི་ཆེད་ལས་རང་བཞིན་དང་དབང་གྲགས་རང་བཞིན་ལ་ཤུགས་སྣོན་བྱེད་དགོས།


ལྔ། རྒྱུན་མཐོང་གི་གནད་དོན།

རྩོམ་སྒྲིག

དཔྱད་གཞིའི་ཡིག་རིགས་ཕབ་ལེན་ལ་ཕམ་ཉེས་བྱུང་བའི་ཐག་གཅོད་བྱེད་སྟངས།

ཡིག་ཚགས་ཕབ་ལེན་བྱེད་དུས། གལ་སྲིད་རྩིས་འཁོར་ནང་ལ་ཞུན་ལེ་(迅雷)དང་ཁོའེ་ཁྲེ་(快车)ལ་སོགས་པའི་ཕབ་ལེན་མཉེན་ཆས་ནང་འཇུག་བྱས་ཡོད་ན་ཕབ་ལེན་ལ་ཕམ་ཉེས་འབྱུང་སྲིད། ཕབ་ལེན་བྱས་པའི་ཡིག་ཆ་ནི་དྲ་ངོས་ཤིག་སྟེ། error.htmlལས་ཕབ་ལེན་བྱེད་བསམ་པའི་ཡིག་ཚགས་ཀྱི་ཟུར་བཀོད་མིན། གནས་སྐབས་སུ་བྱེད་ཐབས་གཉིས་ཀྱིས་གནད་དོན་དེ་ཐག་གཅོད་བྱེད་ཐུབ་སྟེ།

གོམ་པ་དང་པོ། IEབཤར་ཆས་བེད་སྤྱོད་གཏོང་བ། ཙིག་རྟགས་ཀྱི་གཡོན་མཐེབ་ཡིས་དཔྱད་གཞིའི་ཡིག་ཆ་ཕབ་ལེན་གྱི་མཐེབ་ནོན་རྡེབ་པ། (ཐོ་ཞུགས་བྱས་པའི་རྣམ་པ་ཁག་ཐེག་ནན་ཏན་བྱ་དགོས།)ཕྱོགས་གསུམ་པའི་ཕབ་ལེན་ཡོ་བྱད་བེད་སྤྱོད་མི་གཏོང་བར། མ་ལག་གི་ཤུགས་མཐུན་གྱི་ཟུར་བཀོད་གཞན་ཉརའདེམས་སྒྲུག་བྱེད་པ།

གོམ་པ་གཉིས་པ། རང་ཉིད་ཀྱི་སྒྲིག་འགོད་སྟབས་བདེ་བརྒྱུད་ནས་ཐག་གཅོད་བྱེད་ཆོག ཕབ་ལེན་མཉེན་ཆས་འདི་དག་གི་ཤུགས་མཐུན་གྱི་ཕབ་ལེན་བྱེད་ནུས་སྤྱོད་འགོག་བྱེད་པ། འདི་ལྟར་བྱས་ན་ཁྱེད་ཀྱིས་རྒྱུན་ལྡན་ལྟར་ཡིག་ཚགས་ཕབ་ལེན་བྱེད་ཐུབ།

བཀོལ་སྤྱོད་ཀྱི་དོན་འགྲེལ་གཤམ་གསལ་ལྟར།

གོམ་པ་དང་པོ། ཕབ་ལེན་མཉེན་ཆས་ཀྱི་སྒྲིག་འགོདདམ་སྡེབ་སྒྲིགབཀོལ་སྤྱོད་འདེམས་སྒྲུག་བྱེད་པ།

གོམ་པ་གཉིས་པ།བཤར་ཆས་ལ་ལྟ་ཞིབདང་ཞུན་ལེའམ (迅雷)ཡང་ན་ཁོའེ་ཁྲེ་(快车)IEཤུགས་མཐུན་གྱི་ཕབ་ལེན་ཡོ་བྱད་ཡིན་མིན་ལ་ཞིབ་བཤེར་བྱེད་པ རྙེད་རྗེས། གདམ་ཚན་འདི་གཉིས་རྩིས་མེད་དུ་གཏོང་བ།

གོམ་པ་གསུམ་པ། གཏན་འཁེལརྡེབ་ན་ཆོག་གོ།

ཡིག་ཚགས་ཀྱི་ཁ་བྱང་དང་ངོ་སྤྲོད། ནང་དོན་སོགས་བཟོ་བཅོས་བྱེད་ཐབས།

རྩོམ་གྲོགས་ཀྱིས་སྔ་མར་རང་ཉིད་ཀྱིས་ཡར་སྤྲོད་བྱས་པའི་ཡིག་ཚགས་ཀྱི་ཁ་བྱང་དང་། ཡིག་ཚགས་ཀྱི་ངོ་སྤྲོད། ཡིག་ཚགས་ཀྱི་རིགས་དབྱེ། ཡིག་ཚགས་ཀྱི་གནད་ཚིག ཡིག་ཚགས་ཀྱི་ནང་དོན་ལ་སོགས་པ་བཟོ་བཅོས་བྱེད་དགོས་ན། སྤྱོད་མཁན་ངེད་ཀྱི་ཡིག་ཚངདུ་སོང་ནས་གསར་སྒྱུར་བྱེད་དགོས་པའི་ཡིག་ཚགས་རྙེད་རྗེས་ཡིག་ཚགས་དེ་གཡས་མཐེབ་བྱེད་པ། ཡིག་ཚགས་བརྡ་འཕྲིན་བཟོ་བཅོས་འདེམས་རྗེས། གཡས་ཀྱི་སྟེང་ཟུར་གྱི་ཡིག་ཚགས་ཟུར་བཀོད་གསར་སྒྱུརརྡེབ་རྗེས་ཡིག་ཚགས་དེའི་ནང་དོན་གསར་སྒྱུར་བྱེད་ཐུབ། དེ་མཚུངས་སུ་ཤོག་ལྷེ་དེ་ལས་ཐད་ཀར་ཁ་བྱང་དང་ངོ་སྤྲོད། རིགས་དབྱེའམ་ཡང་ན་གནད་ཚིག་སོགས་བཟོ་བཅོས་བྱས་ཆོག བྱེ་བྲག་གི་གོ་རིམ་གཤམ་གསལ་ལྟར།

1.བཟོ་བཅོས་བྱེད་དགོས་པའི་ཡིག་ཚགས་བཙལ་ཏེ་རྙེད་པར་བྱེད་པ།

2.བཟོ་བཅོས་མཐེབ་ནོན་རྡེབ་ན་བཟོ་བཅོས་ཀྱི་ཤོག་ལྷེ་ལ་འགྲོ་ཐུབ།

3.བཟོ་བཅོས་ཀྱི་ཤོག་ལྷེ་ལ་སོང་ནས་བཟོ་བཅོས་བྱེད་པ།

4.བཟོ་བཅོས་བྱས་ཚར་རྗེས་བཟོ་བཅོས་གཏན་འཁེལཞེས་པ་རྡེབ་དགོས།

5.བཟོ་བཅོས་མཇུག་རྫོགས་པ།